༄༅། །ཚོགས་གླུ་ཌཱ་ཀི་དགྱེས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།
薈供之歌•空行喜宴
中文

 

སྤྲོས་བྲལ་དབྱིངས་རིག་ཡེ་ཤེས་བདེ་ཆེན་གྱི་སྐྱེམས་ཆང་།།
མཛེས་སྡུག་ལྦུ་བ་རྩལ་ལས་ཤེས་རབ་མོར་བཞེངས་པ།
རྒྱ་ཆེན་མཚོ་ཡི་ལྡིང་གུར་སྒྱུ་རྩལ་གྱི་རྦ་རླབས།། 
འདི་རུ་བསྒྱུར་དང་ཉམས་དགའི་བང་རྩལ་ཤིག་འགྲན་ནོ།།

མཇའ་ཚོན་འོད་དང་ཟེར་གྱི་རྩེ་གྲོགས་ཀྱི་ལྷན་དུ།།
འབུམ་ཕྲག་མཁའ་འགྲོའི་ཚོགས་དཔོན་བདེ་ཆེན་གྱི་རྒྱལ་མོ།།
བདེ་འབྱུང་གཙུགས་རྒྱན་མཛེས་མའི་ཟེར་ཁ་ལ་འགྲོགས་སྟེ།།
འདིར་ཕེབས་བདེ་སྟོང་ཆང་གི་མཆོད་སྐྱེམས་ཤིག་འདྲེན་ནོ།། 

ཡེ་དག་ཀློང་དུ་འཁྱིལ་བ་དབྱིངས་རིག་གི་ཐིག་ལེ།། 
འགྱུར་ལྡེམ་གར་གྱི་བསྒྱུར་བ་བརྩེ་ཆེན་གྱི་སྤྱན་ཟུང་།། 
ཁམས་གསུམ་འགྲོ་ལ་གཟིགས་པའི་རྣམ་འགྱུར་དང་ལྷན་དུ།།
འཕོ་མེད་བདེ་ཆེན་འཇལ་བའི་སྒྲོན་མེ་དེ་སྤོར་ཤོག།།

རྩོལ་བའི་ངལ་བ་མི་དགོས་ཝཾ་གཟུགས་ཀྱི་བདེ་བ།། 
འབད་པའི་རེ་དོགས་མི་དགོས་ཨེ་གཟུགས་ཀྱི་སྟོང་པ།།
ནཱ་དའི་བདེ་སྟོང་གཉིས་མེད་མཁའ་གསང་ནས་གྲགས་པའི།།
དབྱིངས་རིག་མ་བུ་རང་ངོ་འཕྲོད་པ་དེ་སྐྱིད་དོ།།

བདེ་ཆེན་འབུམ་གྱི་མཛེས་པ་དུས་གཅིག་ཏུ་གནོན་སྐབས།།
ཤེས་རབ་པདྨ་རྒྱས་པའི་མཛུམ་ཞལ་ན་ལུད་པའི།།
རོ་བཅུད་བདེ་ཆེན་འབར་བའི་སྐྱེམས་ཆང་འདི་འཐུང་ནས།།
ཐབས་ཤེས་གའུ་ཁ་སྦྱོར་རྩེད་འཇོ་ལ་རོལ་དོ།། 

ཚེ་རབས་གྲངས་མེད་འཐིབ་པའི་སྒྱུ་ལུས་ཀྱི་ཕོ་ཉས།། 
ཐབས་ཤེས་སྒྲོན་མེ་བཏེགས་སྟེ་གཉིས་འཛིན་གྱི་མུན་པ།།
འོད་གསལ་དབྱིངས་སུ་དྭངས་པའི་ཟུང་འཇུག་གི་ལུས་ཕྲར།
དུས་ཀུན་ཁ་སྦྱོར་འཁྱུད་པའི་གསང་ལམ་འདི་སྐྱིད་དོ།། 

རྣམ་རྟོག་རྦ་རླབས་ལང་ལོང་འཕྱུར་བ་ཡི་ཁྲོད་ན།། 
འདོད་རྒུའི་སྙིང་གི་སྲས་མོ་ཡེ་གྲོལ་གྱི་རིག་པ།།
ཡེ་ནས་འཕོ་འགྱུར་བྲལ་བ་མཚར་སྡུག་གི་ཐིག་ལེ།། 
སྣང་སྲིད་དག་པ་ཆེན་པོའི་རང་ཞལ་དེ་འཇལ་བྱུང་།། 

ངོ་མཚར་ཟུང་འཇུག་ཁ་སྦྱོར་དཀྱིལ་འཁོར་གྱི་རྒྱལ་ཐབས།། 
མན་ངག་མི་འགྱུར་བཙུན་མོའི་སྒྱུ་འཕྲུལ་གྱི་གསེང་ལམ།།
རྩོལ་མེད་ཅིག་ཅར་རྫོགས་པའི་ཀུན་བཟང་གི་རྒྱལ་ས།། 
ཕ་རྒན་པདྨའི་རྗེས་ཤུལ་དགའ་སྤྲོའི་ངང་བསྙེགས་འགྲོ།།

སྐུ་གསུམ་སྟོན་པའི་རྒྱལ་ཚབ་དྲིན་ཅན་གྱི་བླ་མ།། 
ཞབས་པད་མི་འགྱུར་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང་།། 
གཉིས་འཛིན་སྟུག་པོའི་བསྒྲིབ་པའི་ཁམས་གསུམ་གྱི་ཡིད་ཅན།། 
གཞི་ཀློང་གཅིག་ཏུ་གྲོལ་བའི་སྨོན་ལམ་ཞིག་ཞུའོ།།

 

ཅེས་པའི་ཚོགས་གླུ་མཁའ་འགྲོ་དགྱེས་པའི་དགའ་སྟོན་ཞེས་པ་འདི། དུས་མཐའི་ཆོས་གཟུགས་ཙམ་འཛིན་པ་ཤར་སྤྲུལ་དམ་ཆོས་རྒྱ་མཚོ་ཞེས་པ་དེས་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་དུ་མཁའ་འགྲོའི་དུས་ཆེན་ཉིན་གྱི་ཞོག་པར་གསལ་སྣང་ཅུང་ཟད་སྐྱེས་པ་ཡིན་ནམ་སྙམ་པ་ཞིག་བྱུང་བའི་ཉིན་དེའི་མཁའ་འགྲོའི་ཚོགས་ཀྱི་དགའ་སྟོན་གྱི་ཆེད་བྲིས་སྟེ་ཕུལ་བའོ།། །

Listen to the chanting by Lhksam Dolma

TOP

離戲界明本智大樂之美酒
奧妙泡沫神變所顯現慧女
浩瀚大海華蓋藝術湧浪花
祈請臨此演示歡騰歌舞樂

五色彩虹牽引著光及光芒
十萬空行共主大樂王佛母
端坐大樂泉源曼妙之頂嚴
祈請蒞臨此處供獻神飲美

本淨界中旋浮界明之明點
舞動婀娜姿態千萬之雙目
一同垂視三千眾生之慈悲
祈請點燃無遷大樂之明燈

無須造作勤勞「彎ཝཾ」形之樂受
無須希求疑慮「唉ཨེ」形之性空
那達樂空無二蓮宮中奏響
界明自性母子和合此妙哉

千萬大樂真妙一時間湧現
盛開智慧蓮華滿溢之歡顏
一飲大樂熾燃此精華美酒
遊戲方慧無二和合之舞劇

生生世世愚昧幻身之使者
高舉方慧明燈除二取深諳
以此光明界中清淨之雙運
時時和合相擁此密道妙哉

層層分別波浪洶湧而激情
一切心要妙齡本來之明覺
本來無有變遷千姿之明點
將見現有大千清淨之自性

稀有雙運和合壇城大方便
不變訣竅明妃幻化道秘密
無造頓成圓滿普賢王聖座
歡喜追隨父王蓮花生行跡

示現三身補處大恩德上師
祈願蓮座久住堅固如金剛
身處二取深淵三界諸眾生
但願基相法界俱同中解脫

 

上文「薈供之歌•空行喜宴」,由濁世只具修行色體者夏祖談確加措,於舊譯寧瑪派大密法輪洲空行吉日之晨時,微覺生起明現觀受而即時書寫,並獻於當日之薈供。

Listen to the chanting by Lhksam Dolma

TOP

 
©2011 Nyidrak Drodul Ling Center.